འདོན་སྤེལ།
༢༠༡༢/༠༣/༠༥
གཟའ་ སྤེན་ པའི་ ཉིན་ མདོ་ སྨད་ རྨ་ ཆུ་ རྫོང་ བོད་ ཡིག་ སློབ་ འབྲིང་ གི་ སློབ་ མ་ བུ་ མོ་ ཞིག་ གིས་ རྫོང་ གི་ སྔོ་ ཚལ་ ཁྲོམ་ རའི་ ནང་ རང་ ལུས་ མེར་ བསྲེགས་ ཀྱིས་ རྒྱ་ གཞུང་ ལ་ ངོ་ རྒོལ་ བྱས་ ཏེ་ འདས་ གྲོངས་ སུ་ ཕྱིན་ འདུག
མདོ་ སྨད་ སྤྱི་ འཐུས་ སྒྲོལ་ དཀར་ སྐྱབས་ ལགས་ ཀྱིས་ གནས་ ཚུལ་ མཁོ་ སྤྲོད་ བྱས་ པ་ ལྟར་ ན། ཟླ་ འདིའི་ ཕྱི་ ཚེས་ ༣
ཉིན་ གྱི་ བོད་ ནང་ གི་ ཕྱི་ དྲོ་ ཆུ་ ཚོད་ ༣
པ་ ཡས་ མས་ སུ། མདོ་ སྨད་ རྨ་ ཆུ་ རྫོང་ ཁྲོ་ ཁོ་ སྨད་ མ་ ཞང་ གི་ ཕ་ བསོད་ ནམས་ ཡེ་ ཤེས་ ཀྱི་ རང་ ལོ་ ༡༩
ཡིན་ པའི་ བུ་ མོ། རྨ་ ཆུ་ རྫོང་ བོད་ ཡིག་ སློབ་ འབྲིང་ གི་ སློབ་ མ་ ཚེ་ རིང་ སྐྱིད་ ལགས་ ཀྱིས།
ཉིན་ དེར་ རྨ་ ཆུ་ རྫོང་ རྨ་ ཆུ་ ལམ་ དུ་ ཡོད་ པའི་ སྔོ་ ཚལ་ ཁྲོམ་ རའི་ ཉེ་ འགྲམ་ གྱི་ ར་ སྐོར་ ཞིག་ གི་ ནང་ ལུས་ ལ་ སྣུམ་ བླུགས་ པ་ དང་ མེར་ བསྒྲོན་ ཏེ། སྔོ་ ཚལ་ ཁྲོམ་ རའི་ ཁྲོམ་ གཞུང་ དུ་ ཐོན་ སྐབས།
སྔོ་ ཚལ་ བཙོང་ མཁན་ གྱི་ རྒྱ་ རིགས་ ཚོང་ པ་ ཚོས་ རྡོ་ རུབ་ བརྒྱབ་ པ་ དང་ །
དྲག་ ཆས་ ཉེན་ རྟོག་ པ་ བསླེབས་ ཏེ་ རྡོ་ དང་ ལྕག་ དབྱུག་ གིས་ གཞུས་ ཏེ་ ལུས་ སྟེང་ གི་ མེ་ བསད་ རྗེས་ འདས་ གྲོངས་ སུ་ ཕྱིན་ ཡོད་ ཀྱང་ །
ཉེན་ རྟོག་ པས་ ཁོ་ མོའི་ སྐུ་ ཕུང་ ནང་ མིར་ རྩིས་ སྤྲོད་ མ་ བྱས་ པར་ བཙན་ འཁྱེར་ བྱས་ ཡོད་ འདུག
གནས་ ཚུལ་ མཁོ་ སྤྲོད་ པས་ བརྗོད་ པ་ ལྟར་ ན།
ཉིན་ དེར་ རང་ ལུས་ མེར་ བསྲེགས་ ཀྱི་ གནས་ ཚུལ་ བྱུང་ རྗེས།
ས་ གནས་ ཉེན་ རྟོག་ པས་ སྔོ་ ཚལ་ ཁྲོམ་ རའི་ སྒོ་ ཆེན་ བརྒྱབ་ སྟེ།
དགོང་ དྲོའི་ ཆུ་ ཚོད་ ༩ པ་ བར་ ཁྲོམ་ རའི་ ནང་ ཡོད་ པའི་ མི་ མང་ གི་ ཁ་ པར་ ནང་ མེར་ བསྲེགས་ ཀྱི་ པར་ རིས་ ཡོད་ མེད་ བསྔོག་ བཤེར་ བྱས་ ཡོད་ པ་ མ་ ཟད།
ཚོགས་ འདུ་ བསྐོང་ སྟེ་ བཟའ་ འཁོན་ གྱིས་ གནད་ དོན་ ལ་ རྐྱེན་ བྱས་ ཏེ་ མེར་ བསྲེགས་ བཏང་ བ་ ཡིན་ ཚུལ་ དང་ གནས་ ཚུལ་ དེ་ ཕྱིར་ བསྒྲགས་ བྱེད་ མི་ ཆོག་ པའི་ འཇིགས་ སྐུལ་ བྱས་ ཡོད་ འདུག་ ལ།
ཉིན་ དེའི་ དགོང་ མོ་ རྨ་ ཆུ་ རྫོང་ གི་ ལས་ ཁུངས་ ཁག་ ནང་ ཛ་ དྲག་ གི་ ཚོགས་ འདུ་ བསྐང་ སྟེ་ གནས་ ཚུལ་ ཁ་ བསྒྱུར་ དང་ གསང་ སྦས་ བྱེད་ ཕྱོགས།
དེ་ བཞིན་ དོན་ རྐྱེན་ དེའི་ རྒྱབ་ ལྗོངས་ ཞིབ་ བཤེར་ དང་ སྔོན་ འགོག་ སོགས་ ཀྱི་ སྐོར་ ལ་ གྲོས་ བསྡུར་ བྱས་ ཡོད་ འདུག
ཁ་ སང་ ཕྱི་ ཚེས་ ༤
ཉིན་ ནས་ བཟུང་ རྨ་ ཆུ་ རྫོང་ བོད་ ཡིག་ སློབ་ འབྲིང་ དམག་ མིས་ དམ་ དྲག་ ཁྲོད་ ཕྱི་ མིར་ ཐུག་ འཕྲད་ དང་ ཁ་ པར་ རྒྱུད་ ལམ་ སོགས་ ཡོངས་ སུ་ བཀག་ སྡོམ་ བྱས་ ཡོད་ པ་ མ་ ཟད།
རྨ་ ཆུ་ རྫོང་ མཁར་ གྲོང་ དུ་ གནས་ སྡོད་ བྱེད་ ཀྱིན་ པའི་ བོད་ པའི་ ཁྱིམ་ ཚང་ ཡོངས་ ལ་ བསྔོག་ བཤེར་ གྱིས་ དྲ་ རྒྱའི་ སྐུད་ ལམ་ བཀོག་ འཁྱེར་ བྱས་ པ་ སོགས་ དམ་ དྲག་ ཤུགས་ ཆེར་ བྱེད་ ཀྱི་ ཡོད་ འདུག
No comments:
Post a Comment