
ཐེངས་འདིའི་མཛད་སྒོའི་སྟེང་དབུས་པའི་སློབ་ཕྲུག་ཚོས་ཁམས་དང་ཨ་མདོའི་ཡུལ་སྐད་བཤད་པ་དང་། ཁམས་པའི་སློབ་ཕྲུག་ཚོས་དབུས་དང་ཨ་མདོའི་ཡུལ་སྐད་བཤད་པ། དེ་བཞིན། ཨ་མདོའི་སློབ་ཕྲུག་ཚོས་དབུས་དང་ཁམས་པའི་ཡུལ་སྐད་བཤད་སོགས་བྱས་ཡོད་པ་མ་ཟད། ཆོལ་ཁ་གཉིས་ཀྱི་མི་གཉིས་ཀྱིས་ཆོལ་ཁ་གཅིག་གི་ཡུལ་སྐད་ཐོག་ནས་གླེང་མོལ་བྱེད་པ་དང་། ཆོལ་ཁ་གཅིག་གི་མི་གཉིས་ཀྱིས་ཆོལ་ཁ་གཞན་ཞིག་གི་ཡུལ་སྐད་ཐོག་ནས་གླེང་མོལ་བྱེད་པ། དེ་བཞིན། ཟུར་ཞུགས་པ་དང་དཔུང་དཔྱོད་པ་དག་གི་དྲི་བར་ལན་འདེབས་བྱེད་པ་སོགས་བརྒྱུད་དེ། ཚིག་གི་སྨྲ་དག་མིན་དང་། ལུས་ཀྱི་ཉམས་ཐོན་མིན། སྤོབས་པའི་གདེང་ལྡན་མིན་བཅས་ལ་གཞིགས་ཏེ། སྐར་གྲངས་སྤྲད་དེ་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ་བཅས་ལ་བྱ་དགའ་ཡང་སྤྲད་ཡོད་འདུག
ཡང་ཕ་ཡུལ་སྡེ་རོང་ནས་ཡིན་པའི་སློབ་གྲོགས་ཚེ་གྲུབ་ལྷ་མོ་ཟེར་བ་དེ་ནི་བདག་གིས་ད་བར་དུ་མཐོང་བའི་ཆེས་བག་ལྷོད་པའི་བོད་རིགས་བུ་མོ་དེ་ རེད་ཟེར་ཆོག ཁོ་མོ འི་གཏམ་བཤད་ཀྱི་ མགོ་མཇུག་ཀུན་ཏུ་དལ་ཞིང་ལྷོད་ལ་སྒྲ་མཐོ་དམའ་རན་པའི་སྐད་ཅིག་གིས་རང་གི་བསམ་ཚུལ་ལྷུག་པོར་བརྗོད་ ཅིང་། མཐར་དྲི་བ་དྲིས་ལན་གྱི་དུས་སུ ་ཡང་ཁོང་མོ་དང་ཕ་ཡུལ་གྱི་སློབ་གསོའི་གནས་བབས་ཟུང་དུ་སྦྲེལ་ནས་བརྩོན་འགྲུས་སྐོར་གྱི་ལན་ཡག་པོ་ཞིག་བཏབས་པ་ནི་ཡིད་དུ་འོང་བ་ཞིག་རེད། ཅེས་བཀོད་འདུག
ད་དུང་ཕ་ཡུལ་ཨ་མདོ་ཅོ་ནེ་ནས་ཡིན་པའི་སློབ་གྲོགས་མགོན་པོ་དབང་ལྡན་གྱིས་དབུས་སྐད་གསལ་ཞིང་དག་པ་ཞིག་བཤད་པར་རྒན་ཚེ་དབང་ལྷ་མོ་ལགས་ཡིད་མ་ཆེས་པར ། ཁྱོད་ཀྱིས་ཨམ་སྐད་ཅིག་གསུང་རོགས་ཞེས་པའི་དོགས་སེལ་ཞིག་ཀྱང་བྱ་དགོས་བྱུང་སོང་ལ། ད་དུང་དེ་མིན་པའི་སློབ་གྲོགས་མང་པོ་ཞིག་གི་གཏམ་བཤད་ནི་གསོན ་ཉམས་དོད་ཅིང་། རྗོད་བྱེད་ཡུལ་སྐད་དེར་མ་བྱང་བའི་ དགོད་བྲོ་བ་ཡང་ མི་ཉུང་བ་ཞིག་བྱུང་སྟེ། ཚོགས་ར་གང་བོ་ ཐལ་སྒྲ་དང་དགོད་སྒྲས་ཁེངས་པར་བྱས་སྟབས། ཆུ་ཚོད་གཉིས་ལྷག་གི་དུས་ཡུན་དེ་ནམ་རྒྱུན་ ཅུང་འཁྱོལ་དཀའ་བའི་སློབ་ཁྲིད་དང་འཆད་ཁྲིད་ སོགས་དང་བསྡུར་ན་ སྐད་ཅིག་གི་རིང་ལ་བུད་སོང་། ཅེས་བཀོད་འདུག
No comments:
Post a Comment